Jump to content

མིའི་རིགས་ཀྱིས་ཟླ་བའི་གོ་ལར་དཔྱད་ཞིབ་བྱེད་པའི་དོན་ཆེན་ཟིན་ཐོ།

ཡོང་ཁུངས་Wikipedia

༡.ཟླ་བའི་གོ་ལའི་ཕྱི་ངོས་སུ་ཐེངས་དང་པོར་སླེབས་པ།

༡༩༥༩ལོའི་ཟླ་༩ཚེས་༡༣ཉིན། སུའུ་ལེན་གྱི༼ཟླ་བའི་གོ་ལ་རྟགས་ཅན་ཨང་༢པའི༽འཚོལ་ཞིབ་འཕྲུལ་ཆས་ཟླ་བའི་གོ་ལའི་ཕྱི་ངོས་ལ་རྡུང་ནས་མིའི་རིགས་ཀྱི་འཚོལ་ཞིབ་འཕྲུལ་ཆས་ཟླ་བའི་གོ་ལའི་སྟེང་དུ་ཐེངས་དང་པོར་འབབ་པ་དང་། འབབ་ས་ནི་ཟླ་བའི་གོ་ལའི་ཏེང་ཧའེ་ཡི་ཤར་རྒྱུད་དུ་རེད།

༢.ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་པར་དང་པོ་བླངས་པ།

༡༩༥༩ལོའི་ཟླ་༡༠ཚེས་༧ཉིན་སུའུ་ལེན་གྱི༼ཟླ་བའི་གོ་ལ་རྟགས་ཅན་ཨང་༣པའི༽འཚོལ་ཞིབ་འཕྲུལ་ཆས་ཀྱིས་ཟླ་བའི་གོ་ལའི་བར་ཐག་སྟོང་སྨི་༦༣༥༠༠ཡི་སར་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་པར་དང་པོ་དེ་བླངས་པ་རེད།

༣.ཐག་ཉེ་ས་ནས་ཟླ་བའི་གོ་ལའི་ཕྱི་ངོས་ཀྱི་པར་དང་པོ་བླངས་པ།

༡༩༦༦ལོའི་ཟླ་༢པའི་ཚེས་༣ཉིན།སུའུ་ལེན་གྱི༼ཟླ་བའི་གོ་ལ་རྟགས་ཅན་ཨང་༩པའི༽འཚོལ་ཞིབ་འཕྲུལ་ཆས་ཟླ་བའི་གོ་ལའི་དྲག་རླུང་རྒྱ་མཚོར་བདེ་བླག་ངང་བབས་པ་དང་འབྲེལ་ཐག་ཉེ་ས་ནས་ཟླ་བའི་གོ་ལའི་ཕྱི་ངོས་པར་བླངས་པ་རེད།

༤.གྲུབ་འབྲས་ཐོབ་པའི་ངང་སའི་གོ་ལར་ཕྱིར་ལོག་པའི་ཟླ་བའི་གོ་ལའི་འཚོལ་ཞིབ་འཕྲུལ་ཆས།

༡༩༦༨ལོའི་ཟླ་༩ཚེས་༢༡ཉིན་སུའུ་ལེན་གྱི༼འཚོལ་ཞིབ་འཕྲུལ་ཆས་ཨང་༥པ་རྟགས་ཅན༽ ཟླ་བའི་གོ་ལ་ནས་གྲུབ་འབྲས་ཐོབ་པའི་ངང་ཕྱིར་ལོག་བྱས་པ་དང་དེའི་ནང་བྱིའུ་དང་རུས་སྦལ་དང་། འབྲས་དང་འབུ། རྩི་ཤིང་གི་སོན་སོགས་སོགས་མཉམ་དུ་འཁྱེར་ཡོད། བྱིའུ་དང་རུས་སྦལ་གཉིས་ཀྱི་མཁའ་དབྱིངས་སུ་མ་འཕུར་གོང་དང་བསྡུར་ན་གཟུགས་པོའི་ལྗིད་ཚད་༡༠%ཙམ་ཆག་ཡོད།

༥. མི་བཞུགས་འཕུར་གྲུས་ཟླ་བའི་གོ་ལ་སྐོར་བའི་འཕུར་སྐྱོད་ཐེངས་དང་པོ།

༡༩༦༨ལོའི་ཟླ་༡༢པའི་ཚེས་༢༡ཉིན།༼ཨ་པོ་ལུའོ་རྟགས་ཅན་ཨང་༨པ༽འཕེན་གཏོང་ལེགས་གྲུབ་བྱུང་ཞིང་། ཉིན་འགའ་སོང་རྗེས་ཟླ་བའི་གོ་ལའི་འཁོར་ལམ་དུ་བསྐྱོད་པས་མི་བཞུགས་འཕུར་གྲུས་ཟླ་བ་གོ་ལ་སྐོར་མཁན་གྱི་འཕྲུལ་ཆས་དང་པོར་གྱུར།

༦.སའི་གོ་ལ་མཐོ་རུ་འགྲོ་བ་ཐེངས་དང་པོར་མཐོང་བ།

༡༩༦༨ལོའི་ཟླ་༡༢ཚེས་༢༤ཉིན།༼ཨ་པོ་ལུའོ་རྟགས་ཅན་ཨང་༨པའི༽ཟླ་བའི་གོ་ལར་བསྐྱོད་མཁན་གྲུ་ཚང་གི་ཁ་ལོ་བ་ཝུའེ་ལན•ཨན་ཏེ་སིས་སྐད་གྲགས་ཆོད་པའི་སྔོ་མདོག་གི་སའི་གོ་ལ་ཟླ་བའི་གོ་ལའི་ས་གཞིའི་མུ་མཐའ་ཡར་འཕགས་པའི་པར་དེ་བླངས་པ་རེད།

༧.ཟླ་བའི་གོ་ལར་བསྐྱོད་མཁན་དང་པོ།

༡༩༦༩ལོའི་ཟླ་༧པའི་ཚེས་༢༠ཉིན།༼ཨ་པོ་ལུའོ་རྟགས་ཅན་ཨང་༡༡པའི༽བཀོད་འདོམས་དཔོན་ཉི་ཨེར•ཨ་མུའུ་སི་ཐེ་ལང་ཟླ་བའི་གོ་ལར་བསྐྱོད་མཁན་གྲུ་ཚང་གི་སྐས་ལས་བབས་ཏེ་ཟླ་བའི་གོ་ལའི་ཕྱི་ངོས་སུ་བསྐྱོད་པས་ཟླ་བའི་གོ་ལའི་ཐོག་སྐྱོད་མཁན་དང་པོར་གྱུར།

༨.ཟླ་བའི་ངོས་སུ་སྐུལ་འོད་ལྡོག་འཕྲུལ་ཆས་ཐེངས་དང་པོར་བཙུགས་པ།

༡༩༦༩ལོའི་ཟླ་༧པའི་ཚེས་༢༡ཉིན།༼ཨ་པོ་ལུའོ་རྟགས་ཅན་ཨང་༡༡པས༽ཟླ་བའི་གོ་ལར་བསྐྱོད་པའི་ལས་འགན་བསྒྲུབས་པ་དང་འབྲེལ་ཟླ་བའི་གོ་ལར་སྐུལ་འོད་ལྡོག་འཕྲོའི་འཕྲུལ་ཆས་བཙུགས་པས། དེ་ནས་བཟུང་སའི་གོ་ལ་���ས་སྐུལ་འོད་ལྡིག་འཕྲོའི་འཕྲུལ་ཆས་ཟླ་བའི་གོ་ལར་འཕེན་གཏོང་ཐུབ་ཡོད། ལྡོག་འཕྲོའི་འཕྲུལ་ཆས་སའི་གོ་ལར་ཕྱིར་ལོག་ཐུབ་ནས་སའི་གོ་ལ་དང་ཟླ་བའི་བར་ཐག་ཚད་འཇལ་ཐུབ་ཀྱི་ཡོད།

༩.ཟླ་བའི་གོ་ལའི་ཐོག་ཏུ་མི་མེད་མེད་པའི་ས་འཁྱེར་ནས་ཕྱིར་ལོག་བྱེད་ཐེངས་དང་པོ།

༡༩༧༠ལོའི་ཟླ་༩ཚེས་༢༠ཉིན།སུའུ་ལེན་གྱི༼ཟླ་བའི་གོ་ལ་རྟགས་ཅན་ཨང་༡༦པའི༽འཚོལ་ཞིབ་འཕྲུལ་ཆས་ཟླ་བའི་གོ་ལར་བབས་ནས་མི་མེད་བརྟག་དཔྱད་བྱས་པ་མ་ཟད།ཟླ་༩པའི་ཚེས་༢༤ཉིན་ཟླ་བའི་ས་ཁེ༡༠༡འཁྱེར་ནས་བདེ་བླག་ངང་སའི་གོ་ལར་ཕྱིར་ལོག་བྱས།

༡༠.མི་མེད་ཟླ་དཔྱད་འཁོར་ལོ་ཟླ་བའི་གོ་ལར་བསྐྱོད་ཐེངས་དང་པོ།

༡༩༧༠ལོའི་ཟླ་༡༡པའི་ཚེས་༡༧ཉིན།སུའུ་ལེན་གྱི༼ཟླ་བའི་གོ་ལ་རྟགས་ཅན་ཨང་༡༧པས༽འཚོལ་ཞིབ་འཕྲུལ་ཆས་འཁྱེར་བའི༼ཟླ་བའི་གོ་ལའི་འཁོར་ལོ་རྟགས་ཅན་ཨང་དང་པོ༽གྲུབ་འབྲས་ཐོབ་པའི་ངང་ཟླ་བའི་གོ་ལར་བསྐྱོད་ཡོད།

༡༡.མི་བཞུགས་ཟླ་དཔྱད་འཕྲུལ་འཁོར་ཟླ་བའི་གོ་ལར་བསྐྱོད་ཐེངས་དང་པོ།

༡༩༧༡ལོའི་ཟླ་༧ཚེས་༣༠ཉིན༼ཨ་པོ་ལུའོ་རྟགས་ཅན་ཨང་༡༥པའི༽ཏ་ཝེ•སི་ཁོ་ཐེ་དང་ཀྲན་མུའུ་སི.ཨོའུ་ཝུན་གྱིས་ཟླ་དཔྱད་འཕྲུལ་འཁོར་བཏང་ནས་ཟླ་བའི་ཐོག་སྟོང་སྨི་༢༧.༩བསྐྱོད་ཡོད།

༡༢. ཐེངས་དང་པོར་བརྒྱབ་པའི་སའི་གོ་ལའི་རྣམ་པ་ཆ་ཚང།

༡༩༧༢ལོའི་ཟླ་༡༢ཚེས་༧ཉིན།༼ཨ་པོ་ལུའོ་རྟགས་ཅན་ཨང་༡༧པའི༽འཇིག་རྟེན་འཕུར་སྐྱོད་པ་ཚོས་སའི་གོ་ལ་དང་བར་ཐག་སྟོང་སྨི་༢༩༠༠ཡོད་པའི་ས་ནས་སྐད་གྲགས་ཡོད་པའི༼ལྗང་མདོག་རྡིལ་རིལ༽པར་བརྒྱབ་པ་དང་།དེའང་སྐད་འཕྲིན་གྱི་ཐོ་འགོད་འདྲ་པར་རེད།

༡༣.ཟླ་བའི་གོ་ལ་ནས་ཁ་འབྲལ་མཁན་མཐའ་མ།

༡༩༧༢ལོའི་ཟླ་༡༢ཚེས་༡༤ཉིན།༼ཨ་པོ་ལུའོ་རྟགས་ཅན་ཨང་༡༧པའི༽བཀོད་འདོམས་དཔོན་ཡིའུ་ཅིན.སེའར་ནན་ཟླ་དཔྱད་གྲུ་ཚང་ནང་འཛུལ་མཁན་ཐོག་མ་དེ་ཡིན་པ་དང་ཟླ་དཔྱད་གྲུ་ཚང་བསྡད་དེ་ཟླ་བའི་གོ་ལ་ནས་ཁ་འབྲལ་ཡོད། ༼ཨ་པོ་ལུའོ་རྟགས་ཅན་ཨང་༡༧པ༽འཁོར་ལམ་གྲུ་ཚང་དང་མཐུད་ནས་སའི་གོ་ལར་ཕྱིར་ལོག་བྱས་པ་རེད།

༡༤.རི་པིན་གྱི་ཟླ་དཔྱད་འཕྲུལ་ཆས་དང་པོ།

༡༩༩༠ལོའི་ཟླ་༡ཚེས་༢༤ཉིན་རི་པིན་གྱིས་ཐེངས་དང་པོར་ཟླ་དཔྱད༼འཕུར་གྲུ༽འཕེན་གཏོང་བྱས། ༡༩༩༣ལོའི་ཟླ་༤ཚེས་༡༠ཉིན།ཟླ་བ་བསྐོར་ནས་ལྟ་ཞིབ་ཚད་ལེན་བྱས་ནས་ལོ་གསུམ་སོང་རྗེས། ཟླ་བའི་གོ་ལར་རྡུང་བའི་བྱེད་ཐབས་ཐོག་ནས་བབས་ཡོད།

༡༥.ཡོ་རོབ་ཀྱི་ཟླ་དཔྱད་འཕྲུལ་ཆས་དང་པོ།

༢༠༠༣ལོའི་ཟླ་༩ཚེས་༢༧ཉིན།ཡོ་རོབ་ཀྱི་ཟླ་དཔྱད་འཕྲུལ་ཆས་ཐོག་མ༼SMART-༡༽འཕེན་གཏོང་བྱས། །དེ་ཡང་གྱེས་རྡུལ་འདེད་ཆས་སྤྱད་ནས་ཟླ་བའི་གོ་ལར་འབྱོར་བའི་ཟླ་དཔྱད་འཕྲུལ་ཆས་ཐོག་མ་དེ་རེད། ༢༠༠༦ལོའི་ཟླ་༩ཚེས་༣ཉིན།ཟླ་བ་བསྐོར་ནས་ལྟ་ཞིབ་ཚད་ལེན་ལོ་གསུམ་འགོར་རྗེས་ཟླ་བའི་གོ་ལར་བབས།

༡༦.ཀྲུང་གོའི་ཟླ་དཔྱད་འཕྲུལ་ཆས་དང་པོ།

༢༠༠༧ལོའི་ཟླ་༡༠ཚེས་༢༤ཉིན།ཀྲུང་གོའི་ཟླ་དཔྱད་འཕྲུལ་ཆས་དང་པོ་སྟེ༼ཟླ་བའི་ལྷ་མོ་རྟགས་ཅན་ཨང་དང་པོ་༽འཕེན་གཏོང་བྱས། ༢༠༠༩ལོའི་ཟླ་༣ཚེས་༡ཉིན།༼ཟླ་བའི་ལྷ་མོ་རྟགས་ཅན་ཨང་དང་པོ༽ཟླ་བ་བསྐོར་ནས་ལྟ་ཞིབ་ཚད་ལེན་ལོ་གཅིག་དང་ཟླ་བ་བཞི་བྱས་རྗེས་ཟླ་བའི་གོ་ལར་བབས།

༡༧.རྒྱ་གར་གྱི་ཟླ་དཔྱད་འཕྲུལ་ཆས་དང་པོ།

༢༠༠༨ལོའི་ཟླ་༡༠ཚེས་༢༢ཉིན།རྒྱ་གར་གྱི་ཟླ་དཔྱད་འཕྲུལ་ཆས་དང་པོ་སྟེ་༼ཟླ་བའི་གྲུ་གཟིངས་ཨང་དང་པོ་༽འཕེན་གཏོང་བྱས།ཟླ་༡༡ཚེས་༡༤ཉིན༼ཟླ་བའི་གོ་ལའི་འཚོལ་ཞིབ་འཕྲུལ་ཆས༽བཏང་བ་དང་ཟླ་བའི་གོ་ལའི་ཕྱི་ངོས་སུ་བབས། ༼ཟླ་བའི་གྲུ་གཟིངས་རྟགས་ཅན་ཨང་དང་པོ་༽༢༠༠༩ལོའི་ཟླ་༨ཚེས་༢༩ཉིན་བར་བར་སྣང་དུ་ལས་ཀ་བྱས།

༡༨.ཟླ་བའི་གོ་ལར་བབས་པའི་ཀྲུང་གོའི་འཕྲུལ་ཆས་དང་པོ།

༢༠༡༣ལོའི་ཟླ་༡༢ཚེས་༡༤ཉིན༼ཟླ་བའི་ལྷ་མོ་རྟགས་ཅན་ཨང་གསུམ་པ༽བདེ་བླག་ངང་ཟླ་བའི་ངོས་སུ་བབས་ནས་ཀྲུང་གོ་འདི་ཉིད་ཟླ་བའི་གོ་ལའི་ངོས་སུ་བབས་མཁན་རྒྱལ་ཁབ་གསུམ་པར་གྱུར་ཡོད། ༼ཟླ་བའི་ལྷ་མོ་རྟགས་ཅན་ཨང་གསུམ་པའི༽ཐོག་ད་དུང་ཀྲུང་གོའི་ཟླ་བའི་གོ་ལའི་འཕྲུལ་འཁོར་དང་པོ༼རི་བོང༽འཁྱེར་ཡོད་པ་རེད།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]